Fragile Ecology

Share on facebook
Share on twitter
Share on email

ENGLISH

Tibetan

  • Fragile ecology is one the most common metaphors defining the Tibetan Plateau, based (consciously or not) on the foundational Anthropocene assumption that all human interventions are destructive. Tibetans find this characterisation puzzling. For nomad gatherers of nature’s seasonal productivity, the land is bountiful. While the weather is unpredictable, the seasons highly variable, Tibetans have not considered this problematic, or their lives marginal. Tibetan proverbs, widely known and used, consistently describe Tibetan landscapes as beautiful, and alive, with innumerable local gods of earth and water who need to be respected, as they can get irritated and cause disruptions.

    Far from being fragile, the grasses and sedges of the endless grassland are deeply rooted, keeping most of their biomass below the surface, away from grazing pressure, gales and blizzards. The grassland is resilient and will crowd out wild medicinal herbs without curation. The rivers, Asia’s biggest, wind slowly through the grasslands, braiding and spreading out into water meadows.

    The Tibetan Plateau is young land, still rising, prone to landslides, earthquakes and gelifluction flows of sodden earth; all reasons to respect a powerful energy-charged land, rather than diminish Tibet as fragile. Tibetans have seldom thought of the landscape as delicate. Rather, it is powerful, and needs to be respected, not extracted and exploited, which is asking for trouble.

  • སྐྱེ་ཁམས་ཉམས་ཞན།
    
     
    སྐྱེ་ཁམས་ཉམས་ཞན་ཞེས་པ་ནི། བོད་མཐོ་སྒང་ལ་མཚན་ཉིད་འཇོག་བྱེད་ཀྱི་དཔེ་རྒྱན་ཆེས་སྤྱིར་བཏང་བའི་གྲས་ཀྱི་གཅིག་ཡིན་པ་དང་། དེ་ནི་འགྲོ་མི་གཙོ་བོར་འཛིན་པའི་ཚོད་དཔག་ཅིག་སྟེ། འགྲོ་བ་མིའི་ཐེ་ཇུས་ཚང་མ་ནི་གཏོར་བཤིག་གི་རང་བཞིན་ཅན་ཡིན་པར་ཚོད་དཔག་བྱས་པ་དེ་༼ ཤེས་བཞིན་དུའམ་ཤེས་བཞིན་མ་ཡིན་པར༽་གཞི་རྩར་བཟུང་འདུག བོད་མི་རྣམས་ཀྱིས་འགྲེལ་བརྗོད་འདི་ནི་མགོ་རྙོག་བྱེད་ཅིག་ཏུ་མཐོང་གིན་འདུག རང་བྱུང་ཁམས་ཀྱིས་སྐྱེད་པའི་དུས་ཚིགས་ཅན་གྱི་རྩི་བཅུད་བསྡུ་མཁན་འབྲོག་པ་རྣམས་ལ་མཚོན་ན། ས་གཞི་ནི་བཅུད་དང་ལྡན་པ་ཡིན། གནམ་གཤིས་ནི་སྔོན་དཔག་དཀའ་ཞིང་། དུས་ཚིགས་རྣམས་ནི་འགྱུར་ལྡོག་ཆེ་ནའང་། བོད་མི་ཚོས་དེ་དཀའ་ངལ་ཆེ་བར་མི་བསམ་ལ། ཁོ་རང་ཚོའི་འཚོ་བའང་ཐབས་སྡུག་ཡིན་པར་མི་བསམ། བོད་ཀྱི་ལེགས་བཤད་རྣམས་ཀྱིས་གཅིག་མཚུངས་སུ་བརྗོད་པ་ནི་བོད་ཀྱི་ཡུལ་ཁམས་ནི་མཛེས་ཤིང་གསོན་ཉམས་ལྡན་པ་དང་། ས་ཆུའི་ལྷ་གུས་པར་བྱ་དགོས་པ་གྲངས་ཀྱིས་མི་ལང་བ་གནས་པས། ཡུལ་ལྗོངས་ལ་གུས་མེད་བྱས་ན་གནས་བདག་ལྷ་ཀླུ་འཁྲུགས་ནས་འགལ་རྐྱེན་བར་ཆད་སློང་སྲིད་པ་ཡིན།
    
    
    བོད་མཐོ་སྒང་དེ་ཉམས་ཞན་པའི་ཚོད་དུ་ལྷུང་མི་འདུག མུ་མཐའ་བྲལ་བའི་རྩྭ་ཐང་གི་རྩྭ་རིགས་དང་འདམ་རྩྭ་རིགས་ཀྱི་རྩ་བ་སའི་གཏིང་དུ་ཟུག་ཡོད་པ་དང་། དེ་དག་གི་སྐྱེ་ལྡན་གྱི་རྩ་ལག་མང་ཆེ་བ་ས་ཞབས་ལ་གནས་པ་ན། ཕྱུགས་ཟོག་གིས་ཟད་པར་ཟ་བའམ། ལྷགས་རླུང་དང་གངས་འཚུབ་སོགས་ཀྱི་གནོད་པ་ལས་སྐྱོབ་པ་ཡིན། རྩྭ་ཐང་ལ་བསྲན་སྟོབས་དང་རང་སོས་ཀྱི་ནུས་པ་ཡོད་པ་དེ་ལ་བདག་སྐྱོང་རྒྱུན་ཆད་མེད་པར་བྱ་དགོས། གལ་སྲིད་བདག་མེད་དུ་བསྐྱུར་ན། རྩྭ་རྩི་རིགས་རིང་པོར་རྒྱས་ཏེ་སྔོན་སྨན་གྱི་རིགས་གྲིབ་མས་སྒྲིབ་པ་དང་། ས་ཆ་ལ་རྩྭ་ལྡུམ་གྱིས་ཁེབས་པར་འགྱུར་བ་ཡིན། རྒྱ་ནག་དང་ཨེ་ཤ་ཡའི་ནང་གི་ཆུ་བོ་ཆེ་ཤོས་ཡིན་པ་དེ་ཚོ་བོད་ཀྱི་རྩྭ་ཐང་རྣམས་སུ་ཁུག་པ་ཀྱག་ཀྱོག་དེད་ནས་དལ་གྱིས་བགྲོད་ཅིང་། ན་འདམ་གྱི་ཐང་རྣམས་སུ་ཁ་བཀྲམས་ཏེ་བཞུར་བ་ཡིན།
    
    
    བོད་མཐོ་སྒང་ནི་ན་ཚོད་གཞོན་ཞིང་ད་དུང་སྐྱེ་བཞིན་པའི་ས་གཞི་ཞིག་ཡིན་པས་ན། ས་རི་ཉིལ་བ་དང་། ས་ཡོམ་དང་། ས་ཤུན་ཤུད་པ་སོགས་འབྱུང་སླ་བ་ཡིན། སྣང་ཚུལ་འདི་ཐམས་ཅད་ཀྱང་ངར་ཤུགས་ཆེ་ཞིང་སྟོབས་དང་ལྡན་པའི་ས་གཞི་ལ་གུས་བརྩི་བྱ་དགོས་པའི་རྒྱུ་མཚན་ཡིན་པ་ལས། བོད་དེ་ཉམས་ཞན་དུ་བརྩིས་ནས་མཐོང་ཆུང་བྱ་དགོས་པའི་རྒྱུ་མཚན་མིན། བོད་མི་ཚོས་རང་གི་ཡུལ་ཁམས་དེ་ཉམས་ཞན་པོ་ཡིན་པར་བསམས་རྒྱུ་ཕར་ཞོག དེ་ནི་སྟོབས་ཤུགས་ཆེ་བ་ཞིག་དང་གུས་བརྩི་བྱ་དགོས་པ་ཞིག་ཏུ་མཐོང་ཞིང་། གཏེར་བཅུད་སྔོག་འདོན་ལ་སོགས་ཆག་སྒོ་སློང་བའི་ལས་བྱེད་མི་རུང་བར་བསམ་པ་ཡིན།
Related Terms