Hostile forces

Share on facebook
Share on twitter
Share on email

ENGLISH

Tibetan

  • Hostile forces 敌对势力 have their eternal agenda to weaken China, prevent its further rise, contain China, thwart China’s inevitable success in restoring its rightful position as a world power. In Maoist times discovering the internal enemy was the highest priority, and by definition the enemy was around five per cent, big enough to be troublesome, yet small enough to be defeatable. Today’s China is not as rigidly formulaic, yet it does need ever-present hostile forces, to define China by its opposite, to rally the masses behind the party-state in the next mass campaign.

    The existence of hostile forces explains why China faces many problems and difficulties, because the Western imperialists have never dropped their plans to keep China divided, weak and humiliated. China defines its values by opposing hostile forces. They want China to liberalise, to let markets operate freely, to democratise and become Western. They plot and scheme to foment colour revolutions that would achieve regime change. They yearn to revert China to another century of national humiliation, when China was weak. China repudiates these agendas of the hostile forces, and insists on its uniquely Chinese path, that emphasizes public ownership of the means of production, socialism and party cells directing every enterprise.

    Hostile forces include not only the Dalai Lama and the Uighurs but also those Americans who hope to see China peacefully evolve and democratise as it prospers.  Yet some hostile forces are in practice often the most admired too, the models for what China hopes and expects to become.

  • རྒྱ་ནག་དགྲ་རུ་འཛིན་པའི་དཔུང་ཤུགས། 敌对势力 
    
    དགྲ་རུ་འཛིན་པའི་དཔུང་ཤུགས་རྣམས་ལ་ཡུན་རིང་གཏན་གྱི་ལས་འཆར་ཡོད་དེ། རྒྱ་ནག་ཉམས་ཞན་དུ་གཏོང་བ་དང་། རྒྱ་ནག་མུ་མཐུད་ནས་སྟོབས་ལྡན་ཆགས་པ་ལ་བཀག་འགོག་དང་། རྒྱ་ནག་ལ་སྟངས་འཛིན་བྱེད་པ་དང་། རྒྱ་ནག་དེ་འཛམ་གླིང་གི་རྒྱལ་ཁབ་སྟོབས་ལྡན་ཡིན་པའི་འོས་མཐུན་གྱི་གོ་གནས་སླར་གསོ་བྱེད་པར་གྲུབ་འབྲས་ལེན་པ་ལ་འགོག་རྐྱེན་བཟོ་བ་ལ་སོགས་པའོ།། མའོ་རིང་ལུགས་ཀྱི་དུས་སྐབས་རྣམས་སུ་ནང་ཁུལ་གྱི་དགྲ་བོ་ངོས་འཛིན་པ་ནི་གལ་འགངས་ཆེ་ཤོས་སུ་བརྩིས་པ་དང་། མཚན་གཞི་བཀོད་པ་ལྟར་ན། དགྲ་བོ་ནི་བརྒྱ་ཆའི་ལྔ་ཙམ་ཡིན་པ་དང་། དེ་ནི་ཆེ་ཐག་ཆོད་ཡིན་ཏེ་དཀའ་རྙོག་སློང་བ་ཞིག་དང་། ཆུང་ཐག་ཆོད་ཡིན་ཏེ་ཕམ་པར་གཏོང་ཐུབ་པ་ཞིག་ཡིན། དེང་གི་རྒྱ་ནག་གིས་འགྲོ་ལུགས་ཀྱི་རྣམ་པ་དམ་པོ་དེ་ཙམ་མི་འཛིན་ནའང་། དེ་ལ་དུས་ནམ་ཡང་གནས་ཡོད་པའི་དགྲ་འཛིན་གྱི་དཔུང་ཤུགས་ཤིག་དགོས་མཁོ་འདུག་སྟེ། རང་གི་ཁ་གཏད་དེ་ལ་བརྟེན་ནས་རྒྱ་ནག་གང་འདྲ་ཡིན་པ་གཏན་ལ་འབེབ་དགོས་པ་དང་། ཐེངས་རྗེས་མའི་མང་ཚོགས་ཀྱི་ལས་འགུལ་ནང་དུ་མང་ཚོགས་རྣམས་དམར་ཤོག་ཚོགས་པར་དབང་བའི་རྒྱལ་ཁབ་དེའི་རྒྱབ་ཏུ་རུ་དཔུང་སྒྲིག་དགོས་པ་ཡིན།
    
    ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པ་ཚོས་རྒྱ་ནག་དུམ་བུར་གྱུར་བ་དང་ཉམ་ཞན་པོ་དང་བརྙས་བཅོས་རག་པ་སོགས་ཀྱི་གནས་སུ་འཇོག་པའི་འཆར་གཞི་རྣམས་ནམ་ཡང་འདོར་མྱོང་མེད་པའི་རྐྱེན་གྱིས། དགྲ་འཛིན་གྱི་དཔུང་ཤུགས་ཤིག་གནས་པ་དེས་རྒྱ་ནག་ལ་རྙོག་དྲ་དང་དཀའ་ངལ་མང་པོ་ཅི་ཕྱིར་འཕྲད་པ་ལ་འགྲེལ་བཤད་རྒྱག་པ་ཡིན། རྒྱ་ནག་གིས་དགྲ་འཛིན་དཔུང་ཤུགས་ཕྱོགས་ལ་དགག་པ་བརྒྱབ་སྟེ་རྒྱ་ནག་རང་ཕྱོགས་ཀྱི་རིན་ཐང་ལྟ་གྲུབ་གང་ཡིན་གྱི་མཚན་ཉིད་འཇོག་པ་ཡིན། དགྲ་འཛིན་དཔུང་ཤུགས་དེ་ཚོས་རྒྱ་ནག་རང་དབང་ཅན་དུ་འགྱུར་བར་བསམ་པ་དང་། ཁྲོམ་ར་རྣམས་ལ་རང་དབང་གིས་བྱ་བ་བྱེད་དུ་བཅུག་ན་འདོད་པ་དང་། རྒྱ་ནག་མང་གཙོར་ཅན་དུ་འགྱུར་བ་དང་ནུབ་ཕྱོགས་དང་གཅིག་འདྲ་ཆགས་ན་འདོད་ཀྱིན་འདུག ཁོ་ཚོས་སྲིད་དབང་འཕོ་འགྱུར་བྱེད་སྲིད་པའི་ཁ་དོག་གི་གསར་བརྗེ་རིགས་ལངས་རྒྱུར་གཡོ་ཇུས་དང་ཐབས་བཀོད་འཐེན་པ་ཡིན། རྒྱ་ནག་ཉམ་ཞན་པའི་དུས་སུ། ཁོ་ཚོས་རྒྱ་ནག་དེ་བརྙས་བཅོས་མྱོང་བའི་དུས་རབས་གཅིག་ཏུ་སླར་ཡང་ཕྱིར་ལྡོག་ཏུ་འཇུག་རྒྱུར་རེ་འདོད་ཆེན་པོ་བྱེད་པ་ཡིན། རྒྱ་ནག་གིས་དགྲ་འཛིན་དཔུང་ཤུགས་ཀྱི་ལས་འཆར་འདི་དག་ལ་ངོས་ལེན་མེད་པར་དགག་པ་རྒྱག་པ་དང་། རྒྱ་ནག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ་དང་། དེ་ནི་ཐོན་སྐྱེད་ཀྱི་འགྲོ་ལུགས་སྤྱི་ལ་དབང་བ་དང་སྤྱི་ཚོགས་རིང་ལུགས་དང་དམར་ཤོག་གི་རྩ་འཛུགས་ཀྱིས་ཁེ་ལས་ཚང་ལ་ལམ་སྟོན་བྱེད་པ་རྣམས་གལ་བོར་ཆེར་བྱེད་པ་ཞིག་ཡིན་འདུག
    
    དགྲ་འཛིན་དཔུང་ཤུགས་ཀྱི་གྲས་སུ་༧གོང་ས་ཏ་ལེ་བླ་མ་དང་ཡུ་གུར་བ་རྣམས་ཚུད་འདུག་པ་མ་ཟད། ད་དུང་རྒྱ་ནག་དར་རྒྱས་བྱུང་བ་ན་ཞི་བའི་འཕོ་འགྱུར་བྱུང་སྟེ་མང་གཙོ་ཅན་དུ་འགྱུར་བ་མཐོང་རྒྱུར་རེ་སྒུག་བྱེད་མཁན་ཨ་མེ་རི་ཁ་བ་རྣམས་ཀྱང་དེའི་གྲས་སུ་འདུག དེ་ལྟ་ནའང་། དགྲར་འཛིན་དཔུང་ཤུགས་ཁ་ཤས་ནི་ལག་ལེན་གྱི་སྟེང་ནས་རྒྱ་ནག་གིས་ནམ་རྒྱུན་ཆེས་ཡིད་སྨོན་བྱེད་སའང་ཡིན་པ་དང་། དེ་ཚོ་ནི་རྒྱ་ནག་གིས་རེ་སྒུག་དང་མངོན་འགྱུར་བྱ་འདོད་པའི་མིག་དཔེ་ཡིན་འདུག
Related Terms