Love of country, patriotism

Share on facebook
Share on twitter
Share on email

ENGLISH

Tibetan

  • Love of country, patriotism,  爱国 aiguo  རྒྱལ་གཅེས། The ruling party wants to be loved, and is jealous of other loyalties such as religion, seen as competing for the hearts and minds of the masses.Guo Ting, a gender studies scholar at University of Hong Kong explores this conflation of romantic love and patriotic love of country, exemplified by by the dyad of Xi Jinping and his wife Peng Liyuan presented as exemplary. Women are urged to follow her example in “songs dedicated to their love such as“You Should Marry Someone Like President Xi,” which promote an ideal family and domestic morality and have created a new political meaning of love. While many Chinese citizens regard having a First Lady to be politically modern and fashionable, underlying this political meaning of love is a deeply conservative agenda that reintroduces the Confucian patriarchal structure, where the woman is reduced to an object of physical judgment and a subordinate role in the domestic as well as social order.” Source: Ting Guo, Politics of love: Love as a religious and political discourse in modern China through the lens of political leaders, Critical research on Religion, 2020, 39-52

  • རྒྱལ་གཅེས།
    རྒྱལ་གཅེས་爱国༼ ཨའེ་གོ ༽ ཞེས་པའི་ཚིག་དོན་ནི་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་ཞིག་ཡིན་པ་དང་། དེ་ནི་དགའ་མགུར་སྤྱོད་པའི་བརྩེ་དུང་དང་དོན་མཚུངས་ཞིང་། སྐབས་རེར་ཞིས་ཅིན་ཕིན་དང་ཁོའི་བཟའ་ཟླ་ཕིན་ལི་ཡོན་གཉིས་ཀྱི་འཚོ་བ་མིག་དཔེ་རུ་བཀོད་དེ་རྒྱལ་གཅེས་དང་གཞི་གཅིག་ཏུ་བསྲེས་འདུག སྐྱེས་མ་ཚོའི་བརྩེ་དུང་ལ་ཕུལ་བའི་གླུ་གཞས་དག་གི་ནང་དུ་བུད་མེད་རྣམས་ཀྱིས་ཕིན་ལི་ཡོན་མིག་དཔེར་འཛིན་རྒྱུར་ནན་བསྐུལ་བྱས་འདུག་པ་དཔེར་ན། ༼ ཁྱོད་རང་ཞིས་ཅིན་ཕིན་ཀྲུའུ་ཞི་དང་འདྲ་བའི་མི་ཞིག་ལ་གཉེན་སྒྲིག་དགོས།༽ ཞེས་པ་ལྟ་བུ། དེས་ཕུགས་བསམ་དུ་འོས་པའི་བཟའ་ཚང་དང་ཁྱིམ་སྐྱོང་གི་ཀུན་སྤྱོད་ཅིག་གོང་དུ་སྤེལ་བ་དང་། བརྩེ་དུང་ལ་ཆབ་སྲིད་ཀྱི་དོན་སྙིང་གསར་བ་ཞིག་བསྣན་འདུག རྒྱ་ནག་གི་མི་སེར་མང་པོས་ལྕམ་མོ་ཨང་དང་པོ་ཞིག་ཡོད་པ་དེ་ནི་སྲིད་དོན་གྱི་ངོས་ནས་དེང་རབས་སུ་བྱུང་བ་ཞིག་དང་དར་ཁྱབ་ཆེ་བ་ཞིག་ཡིན་པར་མཐོང་འདུག་ནའང་། བརྩེ་དུང་གི་ཆབ་སྲིད་ཀྱི་དོན་སྙིང་དེ་གལ་བོ་ཆེར་བྱེད་པ་ནི། ཁུང་ཙིའི་ཕ་དབང་ལམ་ལུགས་བསྐྱར་དུ་འདྲེན་པའི་ལས་འཆར་སྙིང་ཞེན་ཆེ་བ་ཞིག་གོ། ཁུང་ཙིའི་ཕ་དབང་ལམ་ལུགས་ནང་དུ་བུད་མེད་ནི་སྐྱེས་གཟུགས་ལེགས་ཉེས་ཀྱི་བཤད་པ་རྒྱག་ཡུལ་ཙམ་ཞིག་དང་། ཁྱིམ་ཚང་དང་སྤྱི་ཚོགས་ནང་གི་གྲུབ་ཆ་ཐ་མལ་བ་ཞིག་ཡིན། ༽ ཀའོ་ཐིན་གྱིས་བྲིས་པ། བརྩེ་དུང་གི་ཆབ་སྲིད་རིག་པ་སྟེ། དེང་རབས་ཀྱི་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་མགོ་ཁྲིད་ཚོའི་ལྟ་བྱེད་ཤེལ་མིག་བརྒྱུད་ནས་འོངས་པའི་བརྩེ་དུང་སྟེ། ཆོས་ལུགས་དང་ཆབ་སྲིད་ཀྱི་གཏམ་བརྗོད་ཅིག་ཡིན་པ། ཞེས་པ་དེ་ལས་དྲངས།

Related Terms
About
Browse