The Central Propaganda Department

Share on facebook
Share on twitter
Share on email

ENGLISH

Tibetan

  • The Central Propaganda Department 中央宣传部  ཀྲུང་དབྱང་དྲིལ་བསྒྲགས་པུའུ། has unified supervision over news and publishing work. Since China is officially a democracy, in which the masses have oversight of the ruling party, it is essential that the masses be trained to think the right thoughts.

    In order to strengthen the concentrated and unified management of news and public opinion work, strengthen the management of publishing activities, and develop and invigorate the publishing-related undertakings of socialism with Chinese characteristics, the management responsibilities of the General Administration of Press, Publications, Radio, Film and Television in the areas of news and publishing was in 2018 transferred to the Central Propaganda Department. Externally, the Central Propaganda Department will bear the sign ‘National News and Publishing Administration or National Copyright Office 国家新闻出版署  国家版权局. རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ། ༼ རྒྱལ་ཁབ་པར་དབང་ཅུས༽

    This is a huge apparatus. Following the 2018 reorganization, the principal responsibilities of the Central Propaganda Department have put into practice the Party’s propaganda work policies; draw up management policies for the news and publishing industries and supervising implementation; manage administrative affairs for news and publishing; overall planning, guidance and coordination for news and publishing activities. Much of this is done secretly, and “invisible hand” responding instantly to topics trending online, issuing secret instructions to editors as to what to emphasize, what to ignore, and what to censor. The invisible hand discovers the price of online truth by remaining largely invisible, but censorship commands often leak to China Digital Monitor.

    China Central Television was previously overseen by the General Administration of Press, Publications, Radio, Film and Television (previously just SARFT), a department under the State Council. The super-network is now a state-sponsored institution, or shiye danwei 事业单位, ལས་དོན་ལས་ཁུངས། directly under the State Council, and directly under the supervision of the CCP Central Propaganda Department.

     

  • ཀྲུང་དབྱང་དྲིལ་བསྒྲགས་པུའུ། 
    
    གསར་འགྱུར་དང་དཔར་སྐྲུན་ལས་དོན་ལ་གཅིག་ལྕོག་གིས་ལྟ་རྟོག་བྱེད་པའི་འགན་དེ་དབུས་དྲིལ་བསྒྲགས་པུའུ་ལ་འདུག  སྤྱི་ལོ ༢༠༡༨ ནང་དུ། གསར་འགྱུར་དང་མི་མང་གི་གླེང་ཕྱོགས་ཀྱི་ལས་དོན་ལ་གཅིག་བསྡུས་དང་གཅིག་གྱུར་གྱིས་དོ་དམ་བརྟན་པོར་བྱ་རྒྱུའི་ཆེད་དང་། དཔར་སྐྲུན་གྱི་བྱེད་སྒོ་རིགས་ལ་དོ་དམ་བརྟན་པོར་བྱ་ཆེད་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔར་སྐྲུན་བྱ་བཞག་རྣམས་འཕེལ་ཞིང་རྒྱས་པར་བྱེད་པ་དང་དེ་ལ་གསོན་ཤུགས་སྣོན་པའི་ཆེད་དུ།  གསར་འགྱུར་དང་དཔར་སྐྲུན་དང་རྒྱང་སྒྲོག་དང་གློག་བརྙན་དང་བརྙན་འཕྲིན་སོགས་གསར་འགྱུར་དང་དཔར་སྐྲུན་ཁྱབ་ཁོངས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་གི་དོ་དམ་ལས་འགན་རྣམས་དབུས་དྲིལ་བསྒྲགས་པུའུ་ལ་སྤྲད། ཕྱི་ཚུལ་དུ་དབུས་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་གསར་འགྱུར་དང་དཔེ་སྐྲུན་འཛིན་སྐྱོང་༼ 国家新闻出版署 (国家版权局 ༽ ཞེས་པའི་མིང་རྟགས་འཛིན་པ་ཡིན། ད་ལྟ་དྲིལ་བསྒྲགས་ཞེས་པའི་ཐ་སྙད་དེ་ཕྱི་ཕྱོགས་ལ་སྤྱོད་པའི་དུས་སུ། ཁྱབ་བསྒྲགས་ཞེས་པའི་མིང་འདོགས་ཀྱང་། དྲིལ་བསྒྲགས་ཞེས་པ་བཟང་ཕྱོགས་སུ་གོ་བ་ལེན་པའི་མིག་དཔེ་ནི་སའོ་ཝེད་མནའ་མཐུན་རྒྱལ་ཁབ་ནས་བརྒྱུད་འོངས་ཤིང་། རྒྱ་ནག་གིས་དེ་ནི་མི་དམངས་ཚོ་བསམ་བློ་གཏོང་སྟངས་ཡང་དག་པའི་རྗེས་སུ་འབྲངས་ཏེ། གཞུང་ཕྱོགས་དང་དམིགས་འབེན་གཅིག་མཐུན་ཡོང་ཐབས་ལ་མཁོ་བའི་སློབ་གསོ་ཞིག་ཏུ་བརྩིས་ནས་རྒྱུད་འཛིན་བྱེད་ཀྱིན་འདུག
    
    ལས་ཁུངས་བསྐྱར་དུ་བསྒྲིགས་པའི་རྗེས་སུ། དབུས་དྲིལ་བསྒྲགས་པུའུ་ཡི་གསར་འགྱུར་དང་དཔེ་སྐྲུན་དོ་དམ་དང་འབྲེལ་བའི་ལས་འགན་གཙོ་བོའི་གྲས་ནི། དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་དོན་གྱི་སྲིད་ཇུས་རིགས་དོན་ཐོག་ཏུ་འབེབ་པ་དང་། གསར་འགྱུར་དང་དཔེ་སྐྲུན་དོ་དམ་བྱེད་པར་སྲིད་ཇུས་འདོན་པ་དང་དེ་ལག་ལེན་བྱེད་པའི་གནས་སྟངས་ལ་ལྟ་རྟོག་བྱེད་པ་དང་། གསར་འགྱུར་དང་དཔེ་སྐྲུན་འཛིན་སྐྱོང་གི་ལས་དོན་ལ་དོ་དམ་བྱེད་པ་དང་། གསར་འགྱུར་དང་དཔེ་སྐྲུན་གྱི་བྱེད་སྒོ་རིགས་ལ་སྤྱི་ཁོག་ནས་འཆར་གཞི་འགོད་པ་དང་དེ་དག་ལ་ལམ་སྟོན་དང་འདུམ་སྒྲིག་བྱེད་པ་སོགས་ཡིན། དེ་སྔར་གསར་འགྱུར་དང་དཔེ་སྐྲུན་དང་རྒྱང་སྒྲོག་དང་གློག་བརྙན་དང་བརྙན་འཕྲིན་སོགས་ཀྱི་སྤྱི་ཁྱབ་དོ་དམ་ཁང་གིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ལ་ལྟ་རྟོག་བྱས་པ་དང་། སྡེ་ཚན་དེ་ནི་རྒྱལ་སྲིད་སྤྱི་ཁབ་ཁང་གི་འོག་ཏུ་འདུག  དྲ་འབྲེལ་གནས་རིམ་མཐོན་པོ་དེ་ནི་རྒྱལ་ཁབ་ཀྱིས་སྦྱིན་བདག་བྱས་པའི་སྒྲིག་གཞིའི་ཚུལ་དུ་ཡོད་པ་དང་། ཡང་ན་ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཏོགས་པའི་ལས་དོན་སྡེ་ཁག་ཅིག་དང་། དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྟངས་འཛིན་བྱས་འདུག
Related Terms