What Chinese Communist Party term or phrase would you like to decode?
CCP, with Xi Jinping at its core, is the main force in the construction of China’s international discourse power.
Hu Rongtao, Structural Analysis of Xi Jinping’s International Discourse Construction in the New Era, Xiamen University Centre for Socialism with Chinese Characteristics 2019
༼སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པ་ནི་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་སྐད་ཆ་བཤད་པའི་དབང་ཤུགས་སྐྲུན་བྱེད་ཀྱི་ནུས་པ་གཙོ་བོ་དེ་ཡིན།༽
ཧུའུ་རོང་ཐའོ་ཡིས་བྲིས་པ། ཞ་མེན་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལྟེ་གནས།
The 21st century is the century of China’s revival, and it should also be the century of the rise of China’s discourse. The switching cycle between Washington and Beijing has begun and it is an irreversible process. The era of the U.S. hegemony will come to an end, and the era of multipolarity led by China will begin.
Chen Shuguang. The Chinese Era and the Chinese Discourse. Theory of Socialism with Chinese Characteristics. The Party School of the Central Committee of the Communist Party of China.
༼དུས་རབས་ཉེར་གཅིག་པ་ནི་རྒྱ་ནག་བསྐྱར་དར་གྱི་དུས་རབས་ཡིན་པ་དང་། རྒྱ་ནག་གི་སྐད་ཆ་འབུར་དུ་ཐོན་པའི་དུས་རབས་ཀྱང་ཡིན་པར་འོས། ཝ་ཤིན་ཊོན་གྱི་དུས་ཚོད་ཟེར་བ་དེ་པེ་ཅིན་གྱི་དུས་ཚོད་ལ་བརྗེ་སྤོར་བྱ་བའི་དུས་མཚམས་མགོ་ཚུགས་ཟིན་པ་དང་། འདི་ནི་ལྡོག་ཐབས་མེད་པའི་འགྲོ་རིམ་ཞིག་ཡིན། ཨ་མེ་རི་ཀས་གཙོ་བདག་བྱེད་པའི་དུས་རབས་དེ་མཇུག་རྫོགས་གྲབས་ཡོད་པ་དང་། རྒྱ་ནག་གིས་སྣ་འདྲེན་པའི་དུས་རབས་སྣེ་མང་ཅན་དེ་མགོ་ཚུགས་འོང་བ་ཡིན།༽
ཁྲེན་ཧྲུའུ་ཀོའང་གིས་བྲིས་པ། རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭའི་དགེ་རྒན་ཆེན་མོ།
The rape of language, the kidnapping of words, concepts, expressions and forcing them to pleasure power. All of us who were socialized under Communism share this experience and, ironically, all of us who are aware of the current regime’s abuse of power and language in Hungary are sharing it all over again.
Zsófia Bán, Night school; or the ancient art of East European heavy breathing. World Literature Today, 2020.
༼ སྐད་ཡིག་གི་བཙན་གཡེམ་དེ་ག་རང་དཔེ་མཚོན་ཞིག་ཆགས་འདུག དེས་ཐ་སྙད་དང་བརྡ་དོན་དང་སྨྲ་བརྗོད་སོགས་བཙན་ཁྲིད་བྱེད་ཅིང་། དེ་ཚོ་ལ་བཙན་ཤེད་ཀྱིས་བདེ་བའི་ཚོར་སྣང་མྱོང་དུ་འཇུག་གིན་འདུག
དམར་ཤོག་རིང་ལུགས་ཀྱི་འོག་ཏུ་སྤྱི་ཚོགས་འབྲེལ་འདྲིས་བརྒྱུད་ནས་འོངས་པའི་ང་ཚོ་ཚང་མ་ལ་ཉམས་མྱོང་འདི་གཅིག་མཐུན་དུ་ཡོད་ཀྱང་། དགོད་བྲོ་བ་ཞིག་ལ།
ཧང་ཀ་རའི་ནང་གི་ད་ལྟའི་སྲིད་གཞུང་གིས་དབང་ཆ་དང་སྐད་ཡིག་ལོག་སྤྱོད་བྱེད་སྟངས་ལ་གསལ་ཆ་ཡོད་མཁན་ང་ཚོ་ཚང་མས་སླར་ཡང་དེ་ག་རང་ཉམས་སུ་མྱོང་གིན་འདུག༽ ཛེ་སོ་ཧྥེ་ཡ། པན།
For Chinese citizens, regardless of how much or how little they understand the slogan-saturated language used in speeches by Chinese Communist Party (CCP) leaders, this language is an unavoidable part of everyday life. They encounter it from the time they enter kindergarten and thereafter throughout their formative years, daily in the media, and in the workplace. The Party’s slogans, songs, and spectacular national day parades, and the images and stories it projects of China’s past and present, are interwoven into people’s memories of school life and public holidays.
Gloria Davies, A Dream of Perpetual Rule, China Dream, ANU Press, 2020
༼ རྒྱ་ནག་གི་མི་སེར་རྣམས་ལ་མཚོན་ན། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོས་འབོད་ཚིག་མང་པོ་བསྲེས་ནས་བརྗོད་པའི་སྐད་ཆ་ནི་ཁོ་ཚོས་ཧ་གོ་ཡང་རུང་མ་གོ་ཡང་རུང་། དེ་ནི་ཁོ་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཆ་ཤས་གཡོལ་ཐབས་མེད་པ་ཞིག་ཆགས་འདུག བྱིས་པ་ལྟ་སྐྱོང་ཁང་དུ་འཛུལ་བའི་དུས་ནས་བཟུང་སྟེ། ཁོ་ཚོ་སྐད་ཆ་དེ་དང་དབང་མེད་དུ་འཕྲད་ཅིང་། དེའི་རྗེས་ནས་ཁོ་ཚོ་འཚར་ལོངས་འབྱུང་བའི་གནས་སྐབས་ཡོངས་སུ་འཕྲད་པ་དང་། ཉི་མ་རེ་རེར་གནས་ཚུལ་བརྒྱུད་ལམ་དུ་འཕྲད་པ་དང་། ལས་ཀ་བྱེད་ས་རུ་འཕྲད་པ་ཡིན། དམར་ཤོག་ཚོགས་པའི་འབོད་ཚིག་རྣམས་དང་། གླུ་གཞས་རྣམས་དང་། རྒྱལ་ཁབ་ཀྱི་དུས་ཆེན་སྟེང་གི་རུ་སྒྲིག་ཤོམ་སྟོན་ངོ་མཚར་བ་རྣམས་དང་། རྒྱ་ནག་གི་འདས་པའམ་ད་ལྟ་མཚོན་བྱེད་ཀྱི་པར་རིས་དང་སྒྲུང་གཏམ་སོགས་ནི། མི་མང་གི་སློབ་གྲྭའི་འཚོ་བའམ་གཞུང་འབྲེལ་དུས་ཆེན་གྱི་དྲན་པ་དང་དབྱེར་མེད་དུ་འདྲེས་པར་བྱས་འདུག༽
ཀེ་ལོ་རེའུ་ཊ་ཝིས་ཀྱིས་བརྩམས་པ། རྒྱ་ནག་གི་རྨི་ལམ་སྟེ། དབང་སྒྱུར་རྟག་བརྟན་གྱི་རྨི་ལམ་ཞིག ANU དཔེ་སྐྲུན་ཁང་། 2020
Whoever rules the words rules the world. China’s time has now come. It is China’s turn, as the ascending great power about to surpass all others in quantifiable measures of material power, to assert authority over the world order using the same instruments that the West has used to establish and maintain its dominance.
Nadege Rolland, China’s Vision for a New World Order, NBR Special Report #83, National Bureau of Asian Research 2020
༼སུ་ཞིག་གིས་སྐད་ཆ་ལ་དབང་སྒྱུར་ན་དེས་འཛམ་གླིང་ལ་དབང་སྒྱུར་བ་ཡིན། ད་ནི་རྒྱ་ནག་གི་དུས་ཚོད་སླེབས་བྱུང་། རེས་མོས་རྒྱ་ནག་ལ་བབ་འདུག གང་ཡིན་ཞེ་ན། དངོས་པོའི་སྟོབས་འབྱོར་གྱི་བྱེད་ཐབས་གྲངས་ཚད་གཏན་ལ་འབེབ་ཐུབ་པ་རྣམས་ལ་བརྟེན་ཏེ། ཡར་འཕགས་བཞིན་པའི་སྟོབས་ཤུགས་ཆེན་པོ་འདི་གཞན་ཀུན་ལས་ཐོལ་གྱིས་བརྒལ་ཅིང་། རང་གི་དབང་ཤུགས་ཀྱི་ཁྱབ་རྒྱ་བསྐྱེད་པ་དང་། དེར་བདག་སྐྱོང་བྱེད་པ་ལ་ནུབ་ཕྱོགས་ཀྱིས་ཐབས་ལམ་གང་སྤྱད་པ་དེ་དང་གཅིག་འདྲ་ཉམས་སུ་བླངས་ཏེ། འཛམ་གླིང་གི་སྒྲིག་གཞིའི་སྟེང་ནས་དབང་འཛིན་རྒྱུའི་མངོན་འདོད་བརྗོད་པར་འགྱུར་བ་ཡིན།༽
ནཱ་ཏི་གེ་རོ་ལན་དི་ Nadege Rolland ཡིས་བརྩམས་པ། འཛམ་གླིང་གི་སྒྲིག་གཞི་གསར་བ་ལ་རྒྱ་ནག་གི་ལྟ་ཕྱོགས། NBR གྱི་སྙན་ཐོ་དམིགས་བསལ་བ། #8 རྒྱལ་ཡོངས་ཨེ་ཤ་ཡ་ཞིབ་འཇུག་ལས་ཁུངས། སྤྱི་ལོ ༢༠༢༠ ཟླ་དང་པོ།